གལ་ཆེའི་སྙན་ཞུ་དང་གསལ་བསྒྲགས།
༄༅། །རང་རེའི་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་ལ་རང་བཙན་ཐོབ་པ་ནས་བཟུང། རྒྱལ་ཁབ་དང་ཡུལ་ལྗོངས་ཀྱི་ཡར་རྒྱས། མི་མང་གི་འཚོ་རྟེན། ཤེས་ཡོན་དང་འཕྲོད་བསྟེན། མི་རིགས་དང་རིག་གཞུང། ཁོར་ཡུག་སྲུང་སྐྱོབས་སོགས་ཀྱི་ཆེད་དུ། མི་ལོ་བཅུ་རེ་འཚམས་སུ། རྒྱལ་ཁབ་ཀྱི་འཁོར་ཡུག་གནས་སྟངས་ལ་ཞིབ་འཇུག ས་གནས་ས་ཐོག་མི་མང་གི་གྲངས་འབོར། མི་རིགས། ཆོས་ལུགས། སྐད་ཡིག་གང་ཡིན་བཅས་ཞིབ་འཇུག་ཐོག་གཞི་རྩའི་ཡར་རྒྱས་ཀྱི་འཆར་གཞི་འགོད་ཀྱི་ཡོད་པར་རྟེན།
ཕྱི་ལོ་ ༢༠༡༠ དང་ ༢༠༡༡ ལོར། ལོ་བཅུ་རེ་འཁོར་བའི་མི་མང་གྲངས་འབོར་སོགས་ད་ལྟ་བརྩིས་ཞིབ་གཙད་གཅོད་དང། ཞིབ་འཇུག་བྱེད་བཞིན་ཡོད་པ་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན། ཧི་མ་ལ་ཡ་ནས་མཐའི་རྒྱ་མཚོའི་བར། རང་རེ་རྒྱ་གར་གྱི་མི་མང་རྣམས་ནས་རང་གི་རྒྱལ་ཁབ་ཡར་རྒྱས་དང། རང་གཞན་ཚང་མ་ཞི་བདེ་ཡོང་ཐབས་ལ་འབད་དགོས། དེ་ལྟར་ན་ཐོག་མར་ཤེས་ཡོན་ལ་རག་ལས། ཤེས་ཡོན་ཡང་རང་གཞུང་ནས་སློབ་གྲྭ་ཁག་ཏུ་ཡུལ་གྲོང་ས་གནས་མི་མང་གི་ཕ་མའི་སྐད་ཡིག་གང་ཡིན་གཞུང་གི་སློབ་གྲྭ་ཁག་ཏུ་སློབ་དགོས། གཞུང་གི་སློབ་གྲྭ་ཁག་ཏུ་སློབ་ཆེད་དུ། ཡུལ་ལྗོངས་སོ་སོའི་སྐད་ཡིག་ལ་དབུས་གཞུང་ནས་ངོས་ལེན་ཐོབ་དགོས། དབུས་གཞུང་ནས་ངོས་ལེན་ཐོབ་ཆེད་དུ། ལོ་ངོ་བཅུ་རེ་ལ་སེན་སེཅ་ཞེས་པའི་མི་མང་གྲངས་བརྩིས་དང། སྐད་ཡིག་ཞིབ་འཇུག་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་བྱ་དགོས་པ་སོགས་ཤིན་ཏུ་གལ་ཆེ་བ་ལགས་ན།
རང་རེ་ཧི་མ་ལ་ཡ་པ་རྣམས་ནས། བོད་ཡིག་བྷོ་ཊི་འདི་ནི་ཤིན་ཏུ་རྩ་ཆེ་ཆོས་རིག་ཤེས་ཡོན་གྱི་རྩ་བ་ཡིན་པ་མཁྱེན་པར་མཛད་ནས། འདི་ལོའི་སེན་སེཅ་སྐབས་སུ་གཞུང་གི་ཡིག་ཆའི་ནང་འཁོད་ཐུབ་པ་ཞིག་ངེས་པར་མཛད་དགོས།།
འཇུ་ལེ། བཀྲ་ཤིས་བདེ་ལེགས། ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པ་ནས་ཕུལ།།
Tsona Tulku Rinpoche
Chairman East Zone
Himalayan Buddhisit Cultural Association
སློབ་ཡོན་འབུལ་རྒྱུའི་གསལ་བསྒྲགས།
རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་ཧི་མ་ཡའི་རི་རྒྱུད་ཀྱི་མི་མང་རྣམས་དང། བོད་བཙན་བྱོལ་སྤྱི་ཚོགས་ཀྱི་མི་མང་སུ་ཡིན་དབྱེར་མེད་ཚང་མའི་སྙན་ལམ་དུ་གསལ་བསྒྲགས་མ་གོ་མ་ཐོས་མེད་པར་ཞུ་དོན་ལ། ཕྲུ་གུ་འཛིན་གྲྭ་བཅུ་གཉིས་བར་ཐོན་རྗེས་མུ་མཐུད་ནས་མཐོ་སློབ་ཁག་ཏུ་བསྐྱོད་དེ་སློབ་སྦྱོང་བྱ་འདོད་ཡོད་ནའང། ཁྱིམ་ཚང་དང་སློབ་ཕྲུག་སོ་སོས་སློབ་ཡོན་སྤྲད་རྒྱུར་དཀའ་ངལ་འཕྲད་དེ་མཐོ་སློབ་ཁག་ཏུ་བསྐྱོད་མི་ཐུབ་པའི་དཀའ་ངལ་དངོས་སུ་ཡོད་རིགས་སུ་ཡོད་རུང་གཤམ་གསལ་རྩོམ་སྒྲིག་པའི་ཁ་བྱང་དང། ཁ་པར་ཨང་གྲངས་ཐོག་ནས་འབྲེལ་བ་གནང་ན་སློབ་ཡོན་སྤྲད་ཐབས་རོགས་རམ་ཞུ་རྒྱུ་ལགས་ན། དེ་ལྟར་དགོངས་འཇགས་གནང་བར་འཚལ།།
00919459038837
No comments:
Post a Comment