Tuesday, December 28, 2010

མི་སེར་གྱི་ཕྱག་ཁྱེར་ཕུལ་བ།

ལ་ཁབ་ནང་དུ་ཕེབས་ཐེངས་བདུན་པ་དེ་ཡིན་འདུག་ཅིང། འདི་ལོའི་ཕྱི་ཟླ་ ༠༩ པའི་ཕྱི་ཚེས་ ༡༨ ཉིན་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་ཧཱང་གྷ་རི་རྒྱལ་ཁབ་ནས་ཧཱང་གྷ་རིའི་མི་སེར་ཡིན་པའི་གསེར་གྱི་ཕྱག་ཁྱེར་ཞིག་ཕུལ་ཡོད་པ་རེད། ཕྱག་ཁྱེར་དེའི་ཐོག་ཏུ། “བོད་ཀྱི་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་དང། འཛམ་བུ་གླིང་གི་ནང་དུ་ཞི་བདེའི་ཆེད་མཛད་འཕྲིན་རྒྱ་ཆེར་སྐྱོང་གནང་མཛད་ཀྱི་ཡོད་པར་བྷུ་དྷ་པེ་སིའི་ཊིའི་ (Budapest) ཆེ་བསྟོད་མི་སེར་ཕྱག་ཁྱེར་འབུལ་ལམ་ཞུ་རྒྱུ་ཡིན་” ཞེས་ཁོད་ཡོད། སྐབས་དེར་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས། “ངོས་རང་ལ་ཆེ་བསྟོད་མི་སེར་གྱི་ལག་ཁྱེར་གནང་བར་དགའ་སྤོབས་ཆེན་པོ་བྱུང། ངོས་ལ་ལག་ཁྱེར་འདི་ཐོབ་པར་དམིགས་བསལ་གྱི་གལ་གནད་ཅིག་ཆགས་ཡོད་” ཅེས་སོགས་གསུངས་ཡོད། ཕྱི་ཟླ་དེའི་ཕྱི་ཚེས་ ༡༧ ཉིན་༸རྒྱལ་དབང་མཆོག་གིས་ཧཱང་གྷ་རི་སོགས་མི་མང་ཆིག་ཁྲི་བརྒལ་བ་ལ་བཀའ་སློབ་བསྩལ་བའི་སྙིང་དོན། “ཕྱི་ལོ་ ༡༩༥༦ ལོའི་ཕྱི་ཟླ་ ༡༠ པའི་ནང་ཡུལ་འདིའི་ནང་དྲག་དམག་གིས་འཐབ་རྩོད་མེ་ལྕེ་འབར་སྐབས་ངོས་རང་བོད་དུ་ཡོད་ཀྱང་རང་དབང་འཐབ་རྩོད་པ་རྣམས་དང་ཧ་ཅང་གི་བློ་ཐག་ཆེ་པོར་གནས་ཡོད། དེ་ནས་རུ་སུའི་གུང་ཁྲན་རིང་ལུགས་ཀྱི་ལྟ་སྤྱོད་ཨུ་ལན་བྷ་ཧཱ་ཌུ་ནས་ཧཱང་གྷ་རིའི་ནང་ཁྱབ་སྟེ་མི་མང་ལ་དཀའ་ངལ་ཆེན་པོ་བྱུང་ཡོད། དེ་བཞིན་ངོས་རང་ཐོག་མར་ཨི་ཊ་ལི་བརྒྱུད་ཧཱང་གྷ་རིའི་ནང་ཡོང་སྐབས་གནམ་ཐང་ལ་འབྱོར་བ་ནས་མགྲོན་ཁང་དུ་མ་སླེབས་བར་ལམ་གྱི་གཡས་གཡོན་དུ་མཱཀ་ཁེ་སི་དང། ལེ་ཉཱན་རིང་ལུགས། སི་ཊ་ལཱན་བཅས་ཀྱི་འདྲ་པར་དེ་འདྲ་བཀལ་ཏེ་དམར་པོའི་ལྟ་སྤྱོད་འོག་དཀའ་ངན་ཆེན་པོ་ཡོད་པའི་ཚོར་སྣང་བྱུང། དེ་ནས་ཨི་ཊ་ལཱན་འབྱོར་སྐབས་མི་ཚང་མ་བློ་བདེ་བག་ཕེབས་ངང་གནས་འདུག ད་ཆ་རིམ་པས་འགྱུར་བ་ཕྱིན་ཏེ་ཡུལ་གྲུ་ཆུང་ཆུང་འདིའི་ནང་མང་གཙོ་དར་སྤེལ་གྱིས་གང་ཅིའི་ཐད་ཡར་རྒྱས་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་པའི་ཚོར་སྣང་བྱུང་བས་ཧ་ཅང་དགའ་པོ་བྱུང། ངོས་ནས་ནང་ཆོས་སློབ་གཉེར་བྱས་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐའ་མེད་པའི་སྙིང་རྗེ་བཅས་ཀྱི་ལྟ་གྲུབ་ལ་གོ་རྟོགས་སྤེལ་བའི་ཀུན་ཁྱབ་ཀྱི་སེམས་ཁུར་བླངས་ནས་འཛམ་གླིང་ཞི་བདེ་དང། འཚེ་བ་མེད་པ། འགྲོ་བ་མིའི་རིན་ཐང་གོང་འཕེལ། དེ་བཞིན་འཛམ་གླིང་འདིའི་ནང་དུ་ཡོད་པའི་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གྱི་གལ་འགངས་ཆེ་བའི་ལས་དོན་དེ་དག་ལ་བརྟེན་ནས་འགྲོ་བ་མིའི་གཞི་རིམ་གྱི་བཟང་སྤྱོད་གོང་འཕེལ་གཏོང་རྒྱུའི་འབད་བརྩོན་མུ་མཐུད་བྱེད་བཞིན་ཡོད་” ཅེས་གསུངས་འདུག།།

No comments:

Post a Comment