Tuesday, December 28, 2010

གྲོགས་པོ་ལགས། ང་ལ་དྭགས་ནས་འགྲོ་རན་སོང་།

རྐུན་མ་དང་ཇག་པ་མང་བའི་སློབ་གྲྭ་འདིར་
ང་རང་ནམ་ཡང་སྡོད་འདོད་མི་འདུག
ངའི་ལྷག་བསམ་གྱི་གཤོག་ཟུང་རལ་སོང་།
ང་མུན་ནག་ཏུ་ཇི་ལྟར་འཕུར་འགྲོ
ན་ཟུག་ཐེངས་ཤིག་གིས་ངའི་གཟུགས་པོ་འདར་ཞིང་།
ཤེས་ཡོན་དང་ལྷག་བསམ་གྱིས་ཞན་པའི་རྐུན་མ་དང་
ཇག་པ་ཚོའི་ཁྲོད་དུ་ངའི་ཤ་རུས་ཀྱི་ཕུང་པོ་དང་
ལྷ་བསམ་གྱི་ལྗོན་པ་སྐེམ་ལ་ཉེ།
ཡོངས་གྲགས་སུ་རྐུན་མ་དང་ཇག་པ་མགོ་དཀར་གྱི་ཧམ་སེམས་ཀྱིས་འཁྱེར་སོ་གཉིས་ཀྱི་
བར་ན་ངའི་སྙིང་རུས་དམར་
པོ་ཟད་ཚར་སོང་།
གྲོགས་པོ་ལགས་ང་འགྲོ་རན་སོང་།
ངས་ཐོགས་རེག་བྲལ་བའི་ནམ་མཁའ་མཐོང་ན་འདོད།
ངས་རབ་རིབ་ཀྱི་ཁྲོད་དུ་ཡོད་ཚད་ལ་གདོང་བསུ་བྱས་
ཀྱང་ཐོབ་ཤོར་གྱི་ཆེད་དུ་གོམ་ཁ་ཕྱོགས་དུས་
ངའི་ཤ་ཁྲག་རུས་གསུམ་རི་གྲོང་དུ་བཏབ།
ཚེ་སྲོག་ཤོར་བའི་བེམ་རོ་ང།
རྐུན་མ་དང་ཇག་པའི་ཁོར་ཡུག་ལས་ཐར་བར་འདོད།
གྲོགས་པོ་ལགས་ང་འགྲོ་རན་སོང་།
འུག་པ་རྒན་པོ་གྲོད་ཁོག་རྒྱགས་འདུག་ཀྱང་།
ད་དུང་ཁྭ་ཏ་ཆུང་ཆུང་ཚོས་ཐན་སྐད་སྒྲོག་བཞིན་ངའི་
ཕྱོགས་སུ་འགྲམ་ཆུ་ལྡང་།
གྲོགས་པོ་ལགས་ང་རྐུན་མ་དང་ཇག་པའི་ཁོར་ཡུག་ནས་འགྲོ་རན་སོང། རྗེས་མར་མཇལ་ཡོང། ཚེ་རིང་། བདེ་མོ་བྱོས།།
དངོས་ཡོད་ཀྱི་མཐོང་ཐོས་མང་པོ་ཞིག་གིས་སྐྱོ་སྣང་ལ་རྟེན་ནས་ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༠༩ ཚེས་ ༢༣ ཉིན་སློབ་གྲྭ་ཆེ་བའི་ནག་པང་སྟེང་དུ་ཤར་མར་བྲིས།། མི་ནག་ངག་དབང་དོན་གྲུབ་ཀྱིས།
ལག་ཁྱེར་ཁ་དཔར་ཨང་། ༩༨༡༦༨༧༣༦༢༢/

No comments:

Post a Comment