Tuesday, December 28, 2010

གཤོག་རྩལ་རྫོགས་པའི་ཁྱུང་ཕྲུག་ཅིག།

དབྲ་རུ། བཀྲ་ཤིས་དབང་འདུས། ཤེས་བར་དགའ་ཚལ་སློབ་གླིང།
ཕ་ས་དགྲ་ལ་ཤོར་བའི་དུས་ཤིག་ན།།
ཕྱི་ནང་གཉིས་སུ་གྱར་བའི་སྐབས་ཤིག་ན།།
མི་ལོ་ལྔ་བཅུ་འཁོར་བའི་མཚམས་ཤིག་ན།།
མི་རབས་གསར་བའི་དཔའ་བོ་དྭངས་རྩེ་ཞིག།།

སྲིད་འབྱོར་མངའ་ཐང་རྩོད་པའི་དུས་ཤིག་ན།།
མཐུ་ལྡན་དཔུང་སྡེབ་བསྒྲིཊ་པའི་སྐབས་ཤིག་ན།།
ཉམ་ཆུང་བྲན་དུ་ཚུད་པའི་མཚམས་ཤིག་ན།།
རི་བོ་ཕྲག་དུ་འདེགས་ནུས་སྟོབས་ལྡན་ཞིག།།

རིག་པའི་གནས་ལ་བརྩོན་པའི་དུས་ཤིག་ན།།
ང་མཁས་ཁོ་བཟང་སྡུར་བའི་སྐབས་ཤིག་ན།།
གསར་གཏོད་བང་རྩལ་འགྲན་པའི་མཚམས་ཤིག་ན།།
མཁས་པའི་ཡང་རྩེར་སོན་པའི་སློབ་དཔོན་ཞིག།།

གྲུབ་མཐའི་འཐེན་འཁྱེར་རྒོད་པའི་དུས་ཤིག་ན།།
ཆོལ་ཁའི་ཕྱོགས་རིས་ངན་པའི་སྐབས་ཤིག་ན།།
སྤྱི་དོན་ཡལ་ལ་ཉེ་བའི་མཚམས་ཤིག་ན།།
ཆིག་སྦྲིལ་རྩིས་སུ་བཀུར་བའི་སྤྱི་མི་ཞིག།།
འཛམས་གླིང་འགྱུར་ལྡོག་ཆེ་བའི་དུས་ཤིག་ན།།
མང་པོས་རང་དབང་ལེན་པའི་སྐབས་ཤིག་ན།།
གོ་སྐབས་བཟང་པོའང་སྲིད་པའི་མཚམས་ཤིག་ན།།
སྐབས་དང་དུས་ལ་སྟུན་ཤེས་ཐབས་མཁས་ཤིག།།

འགལ་རྐྱེན་བར་ཆད་སྣོ་བའི་དུས་ཤིག་ན།།
དོན་ཆེན་འགག་རྩར་སླེབས་པའི་སྐབས་ཤིག་ན།།
འོས་འགན་རི་ལས་ལྕི་བའི་མཚམས་ཤིག་ན།།
དམ་བཅའ་བྲག་ལས་བརྟན་པའི་ཕོ་རྒོད་ཅིག།།

གོ་ལ་ཆུང་དུ་ཕྱིན་པའི་དུས་ཤིག་ན།།
རྒྱལ་སྤྱིར་འདུ་ཚོཊ་བཟང་བའི་སྐབས་ཤིག་ན།།
དམངས་ཀྱི་ཐོབ་ཐང་གླིང་བའི་མཚམས་ཤིག་ན།།
ཁྲིམས་ཀྱིས་རྩ་དོན་རྩོད་པའི་མཁས་དབང་ཞིག།།

མཆོག་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་གཅིག།།
ལས་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས།།
གངས་ཕྲུཊ་ཁྱེད་ཀྱི་ལྷག་བསམ་གཙང་མས་མཐུས།།
བསིལ་ལྡན་སྐྱེ་འགྲོའི་བདེ་དོན་མྱུར་འགྲུབ་ཤོཊ།།

No comments:

Post a Comment